༄༅། ། ྋ སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་མཧཱ་པཎྜི་ཏ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་བཀའ་ཁྲིད་སྩལ་གནང་མཛད་རྒྱུ།
༄༅། ། ྋ སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་མཧཱ་པཎྜི་ཏ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་དབུ་མ་བཞི་བརྒྱ་པའི་བཀའ་ཁྲིད་སྩལ་གནང་མཛད་རྒྱུ། གངས་ཅན་གྱི་དཔལ་ནཱ་ལནྡཱ་ཆེན་མོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་དཔལ་ལྡན་ཁྲི་ཟུར་༸ སྐྱབས་རྗེ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་བོད་ཟླ་ ༡༢ ཚེས་ ༡ ནས་༧ བར་དང་། ཕྱི་ལོ་༢༠༢༣ ལོའི་ཟླ་༡ ཚེས་ ༢༢ ནས་ཚེས་ ༢༨ བར་ཉིན་གྲངས་བདུན་རིང་བློ་གསལ་གླིང་སྤྲུལ་པའི་གཙུག་ལག་ཁང་དུ་སློབ་དཔོན་ཆེན་པོ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་བཀའ་ཆོས་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་བྱུང་བ་ལགས་ན། དད་ལྡན་ཆོས་ཞུ་བ་རྣམས་དེ་བཞིན་དགོངས་དབྱིངས་སུ་འཇགས་གནང་ཡོང་བའི་ཆོས་བརྡ་གསལ་བསྒྲགས་བཅས།